目录
当前位置:首页

歌曲《美的许愿》歌词

谁唱的:谢旦&索南曲珍发行时间:未知

美的许愿 - 谢旦/索南曲珍

词:阿格思

曲:罗萨

制作:谢旦贴吧

ན་ཆུང་གཞོན་ནུའི་ལང་ཚོ།

འདབ་བརྒྱད་པདྨ་ཡག་ལེ།

དྲུག་འགྱུར་དབྱངས་ཀྱི་རོལ་མོ།

བདེ་མོའི་ངག་ལ་ཆགས་སོང་།

ཡ ལ ནས་སོ ཡེ།

ཁ་བ་གངས་ཀྱི་རི་ལ།

འདོད་རྒུའི་ཕྱྭ་གཡང་འཁོར་ཡོད།

ཡུལ་ལ་བཀྲ་ཤིས་དོན་འགྲུབ།

མི་ལ་ཚེ་རིང་ལོ་བརྒྱ།།

ཡུལ་ལ་བཀྲ་ཤིས་དོན་འགྲུབ།

མི་ལ་ཚེ་རིང་ལོ་བརྒྱ།།

མཛེས་པའི་སྤང་དཀར་ཐང་ལ།

རྟ་ནོར་ལུག་གསུམ་འཐོར་ཡོད།

རྫི་བོའི་གཞོན་ནུའི་གླུ་སྒྲ།

རི་ལུང་མེད་པར་འཁྱིལ་ཡོད།

ཡ ལ ནས་སོ ཡེ།

སྤང་ལྗོངས་གཡུ་ཡི་མཚོ་མོར།

དྲོད་འཇམ་ཉི་མ་ཤར་ཡོད།

ཕྱུགས་ལ་བཀྲ་ཤིས་དོན་འགྲུབ།

མི་ལ་ཚེ་རིང་ལོ་བརྒྱ།།

ཕྱུགས་ལ་བཀྲ་ཤིས་དོན་འགྲུབ།

མི་ལ་ཚེ་རིང་ལོ་བརྒྱ།།

སྟག་ཤར་རྩལ་དྲུག་འཛོམས་ས།

སྨན་ཆུང་གཤིས་ཀ་དྲང་ས།

གངས་ལྗོངས་གཡང་གི་ར་བ།

སྐྱིད་པའི་གླུ་སྒྲས་བཏེགས་ཡོད།།

ཡ ལ ནས་སོ ཡེ།

ཆོལ་གསུམ་འཛོམས་པའི་སྒང་ལ།།

གཞས་བྲོ་ལས་ཀྱིས་འགྲིགས་ཡོད།།

ཁྱིམ་ལ་བཀྲ་ཤིས་དོན་འགྲུབ།།

མི་ལ་ཚེ་རིང་ལོ་བརྒྱ།།

ཁྱིམ་ལ་བཀྲ་ཤིས་དོན་འགྲུབ།།

མི་ལ་ཚེ་རིང་ལོ་བརྒྱ།།

最近热卖打赏权益返回上1页