歌曲《香加罗罗》歌词
谁唱的:谢旦&兰卡措发行时间:未知
香加罗罗 - 兰卡措&谢旦&谢旦
དགོང་ཨ་སྔོན་ཤར་ཕྱོགས་གནམ་མཐའ་ནས།
སྐྱ་གསལ་ལེ་སྐྱ་རེངས་དང་པོ་བཀྱགས།
དགུང་ཉི་མ་ཤར་གི་བསུ་མ་རེད།
ས་དྲོད་ཁོལ་འཛོམས་གི་རྟེན་འབྲེལ་རེད།
ནགས་རྒྱ་རྫོང་ཡག་གི་རྩེ་མོ་ནས།
བྱ་ཁུ་བྱུག་སྔོན་མོ་ཏིང་ཅན་གྲགས།
ཟླ་བཞི་བ་ཚེས་གི་བསུ་མ་རེད།
ལོ་ཟླ་བ་ཡག་གི་རྟེན་འབྲེལ་རེད།
བོད་མཚོ་དྲུག་གླིང་གི་མཁར་ཁ་ནས།
བྱ་སྐྱ་ཀ་ཁྲ་མོ་ཏིང་ཅན་གྲགས།
མགྲོན་ཚུར་ཡོང་སྔོན་གི་བསུ་མ་རེད།
ཁྲོམ་ན་ཟླ་རྩེད་གི་རྟེན་འབྲེལ་རེད།
ནགས་རྒྱ་རྫོང་ཡག་གི་རྩེ་མོ་ནས།
བྱ་ཁུ་བྱུག་སྔོན་མོ་ཏིང་ཅན་གྲགས།
ཟླ་བཞི་བ་ཚེས་གི་བསུ་མ་རེད།
ལོ་ཟླ་བ་ཡག་གི་རྟེན་འབྲེལ་རེད།