歌曲《生活》歌词
谁唱的:降央卓玛&根呷发行时间:未知
生活 - 降央卓玛/根呷
词:民歌
曲:民歌
ཨ་རོ་ལ་ཡེ།
འབྲོག་མཐིང་སྨུག་སྦྲ་ཡི་ཆོན་འདབས་ན།
རོང་ཤིང་ཁང་གྲུ་བཞིའི་ཕྱི་ནང་ན།
མགོ་སྒུར་ནས་ལས་ལ་འབད་ནི་བོ།
དྲིན་མ་ལོ་ཞིག་གི་སྣང་བརྙན་རེད།
ཨ་རོ་ལ་ཡེ།
སྐྱིད་ལོས་ཡོད་རིགས་ཀྱི་བདག་པོ་རེད།
སྡུག་ལོས་ཡོད་ཁ་རྒྱབ་བཙལ་མི་རེད།
སྐྱིད་སྡུག་གི་རེས་མོས་བསྐོར་མཚམས་ན།
དྲིན་ཕ་ལོའི་དཔུང་བ་བརྟེན་གྱིག་སེ།
ཨ་རོ་ཨ་རོ་ལ་ཡེ། ཨ་རོ་ལ་ཡེ།
སྤང་ཨ་ལོང་འཁྱིལ་བའི་ཉིན་སྲིབ་ན།
ཞིང་ཆུ་མ་ཐང་གི་ཡང་གསེང་ན།
ལུས་རྔུལ་ནག་ཆུ་ཡིས་བྲན་བོ།
དྲིན་ཕ་ལོ་ཞིག་སྣང་བརྙན་རེད།
ཨ་རོ་ལ་ཡེ།
འཚོ་བ་ནི་འཁོར་བའི་འཁོར་ལུགས་རེད།
འཁོར་བ་ནི་འཚོ་བའི་རོལ་ལུགས་རེད།
སྡུག་ཆེ་ཡང་འཛུམ་གྱིས་འཚོ་བ་འདི།
བོད་མགོ་ནག་མི་ཡི་རང་གཤིས་ཡིན།